Page 1 of 1
ཉིན་བཞི་པ།
1. རྡུལ་ཕྲན་ནས་འོད་ཕྱིར་འཕྲོ་བྱེད་པའི་ཞིབ་ཕྲའི་གནས་ཚུལ་གྱི་ནང་དུ་ནུས་པ་མཐོ་བའི་རིམ་པ་ཞིག་ནས་ནུས་པ་དམའ་བའི་རིམ་པ་ཞིག་དུ་ཕྲ་རྡུལ་གང་འཕོ་འགྱུར་བྱེད་པ་རེད། (ཤོག་གྲངས། ༣༨)
*
A
ཕོ་རྡུལ།
B
གློག་རྡུལ།
C
བར་རྡུལ།
D
འོད་རྡུལ།
2. སྨུག་ཕྱིའི་འོད་(Ultraviolet rays)ལ་བརྟེན་ནས་ངར་སད་བྱུང་བའི་དངོས་པོ་མང་པོ་ཞིག་ངར་ཆག་འབྱུང་སྐབས་སྣང་རུང་གི་འོད་ཕྱིར་འཕྲོ་བྱེད་པའི་བྱ་སྤྱོད་འདི་ལ་གང་ཟེར། (ཤོག་གྲངས། ༤༤)
A
ཐད་འཚེར།
B
བརྒྱུད་འཚེར།
C
ལེ་ཟེར།
D
ངར་སད།
3. བསྡུས་ཚིག་ LASER ཞེས་པ་དེ་གང་ལ་གོ་དགོས་སམ། (ཤོག་གྲངས། ༤༨)
*
A
འགྱེད་འཕྲོའི་སྐུལ་ཐེབས་ཕྱིར་འཕྲོ་ལ་བརྟན་ནས་སིམ་ཞུགས།
B
འགྱེད་འཕྲོའི་སྐུལ་ཐེབས་ཕྱིར་འཕྲོ་ལ་བརྟན་ནས་ཆེར་བསྐྱེད། (light amplification by stimulated emission of radiation)
C
འགྱེད་འཕྲོའི་སྐུལ་ཐེབས་ཕྱིར་འཕྲོ་ལ་བརྟན་ནས་འཕོ་སྤེལ།
D
འགྱེད་འཕྲོའི་སྐུལ་ཐེབས་ཕྱིར་འཕྲོ་ལ་བརྟན་ནས་གཅོག་འཕྲི།
4. ལེ་ཟེར་གྱི་ཁྱད་ཆོས་གང་ཞིག་ཆ་ཤས་ཆུང་ཆུང་གཏུབ་པ་དང་ཚ་ལ་རྒྱག་པར་བེད་སྤྱོད་བྱེད་ཀྱི་ཡོད་དམ། (ཤོག་གྲངས། ༤༩)
*
A
དྲག་ཚད།
B
སྟོབས།
C
ཟློས་ཕྱོད།
D
འགྲོས་མཉམ།
5. གློག་རྡུལ་ཞིག་ནུས་པའི་རིམ་པ་ -3eV ནས་ -10eདུ་འཕོ་སྐབས་འོད་རྡུལ་ཕྱིར་འཕྲོ་བྱེད་པའི་ནུས་པ་དེ།
*
A
-10eV
B
-3eV
C
7eV
D
13eV
Submit