ཉིན་དྲུག་པ། རྡུལ་ཕྲན་དང་ཚད་རྡུལ།
1. ཚན་རིག་པ་ཨེར་ནེ་སི་རུ་ཐེར་ཧྥོརཌ་ལགས་ཀྱི་གསེར་ཤོག་བརྟག་དཔྱད་འདི་ཡིས་རྡུལ་ཕྲན་གྱི་གདོས་ཚད་ཕལ་ཆེ་བ་ལྟེ་བའི་ས་ཁུལ་དེ་ལྟེ་རྡུལ་དུ་འདུས་ཡོད་ཅིང་གནས་གཞན་རྣམས་་སྟོང་པ་ཡིན་པ་ར་སྤྲོད་བྱས་དེའི་རྒྱུ་མཚན་ནི། (ཤོག་གྲངས། ༦༩)
*
2. བྷོར་གྱི་རྡུལ་ཕྲན་གྱི་དཔེ་གཟུགས་ནང། གློག་རྡུལ་རྣམས་ལྟེ་རྡུལ་གྱི་མཐར་མགྱོགས་ཚད་བརྟན་པོ་ཡོད་ཀྱང་འཁོར་ལམ་དེ་གང་འདྲ་ཡོད་དམ། (ཤོག་གྲངས། ༧༢)
*
3. མེ་ཁི་སི་ཝེལ་གྱི་རྣམ་གཞག་ལྟར་ན་བྷོར་གྱི་གཟའ་སྐར་དཔེ་གཟུགས་ནང་མྱུར་སྣོན་བྱེད་བཞིན་པའི་གློག་རྡུལ་གྱིས་རྒྱུན་མ་ཆད་པར་ནུས་པ་འབྱིན་ཞིང་གློག་རྡུལ་དེ་ངེས་པར་དུ་ལྟེ་རྡུལ་དུ་གཅུས་འཁོར་བྱས་ནས་ལྷུང་དགོས་པ་ཡིན་དེ་ལྟར་མ་ཡིན་པའི་རྒྱུ་མཚན་ནི། (ཤོག་གྲངས། ༧༢)
*
4. ནེའུ་ཊོན་གྱི་གཏན་ཁྲིམས་ལྟར་ན་རྡུལ་ནི།
*
5. ཚད་རྡུལ་དངོས་ཁམས་རིག་པ་དེ་གཙོ་བོར་གང་འགྲེལ་བཤད་བྱེད་པའི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་དམ། (ཤོག་གྲངས། ༧༥)
*
6. ལྟེ་རྡུལ་གཞིར་བཞག་སྟེ་བཤད་ན་ལྟེ་རྡུལ་དང་ཐག་ཉེ་ས་ན་ཡོད་པའི་གློག་རྡུལ་ཞིག་དང་བསྡུར་ན་ལྟེ་རྡུལ་དང་ཐག་རིང་ས་ན་ཡོད་པའི་གློག་རྡུལ་ཞིག་ལ་གློག་གི་གནས་ལྟོས་ཀྱི་ནུས་པ་ཆེ་བ་ཡོད།
*